ན་ར་གཡུ་མཚོ་དང་ང།ཚིག བསྟན་འཛིན་མཐར་ཕྱིན།གདངས། བསྟན་འཛིན་མཐར་ཕྱིན།གཞས་པ། བསྟན་འཛིན་མཐར་ཕྱིན།ཁྱེད་ནི་ནམ་མཁའ་ནས་ལྷུང་བའི་མིག་ཆུ་ཐིགས་པ་གཅིགང་ནི་ཐག་རིང་ནས་ཡོང་བའི་མ་བསྡད་མགྲོན་པོ་ཞིགརྩ་བ་མེད་པའི་རླུང་དང་འདྲ།ཕྱོགས་བཞི་ཁྱིམ་དུ་འཛིན།ནམ་ཡང་ཁ་ཕྱོགས་མེད་པར།ཐག་རིང་གི་ཕྱོགས་སུ་ཐོན།ཁྱེད་ཀྱིས་གསན་རོགས་གནང་དང་།བུ་ངའི་སྐོར་གྱི་ཡོད་ཚད།ཁྱེད་དང་མཉམ་དུ་དགའ།བུ་ང་ཁྱེད་དང་མཉམ་དུ་སྐྱོ།ཁྱེད་ཀྱིས་གསན་རོགས་གནང་དང་།བུ་ངའི་སྐོར་གྱི་ཡོད་ཚད།ཁྱེད་དང་མཉམ་དུ་དར།བུ་ང་ཁྱེད་དང་མཉམ་དུ་རྒུད།ཁྱེད་ནི་ནམ་མཁའ་ནས་ལྷུང་བའི་ཁ་བའི་མེ་ཏོག་གཅིགང་ནི་རང་ཡུལ་ནས་ཡོང་བའི་གཞན་ཡུལ་གྱི་འཁྱམ་པོ་ཞིགཆགས་ཡུལ་མེད་པའི་སྤྲིན་དང་འདྲ།ཕུགས་བསམ་རྒྱབ་ཏུ་འཁུར།རེ་བ་དང་བློ་ཕམ་དཀྱིལ་དུ།གནམ་སའི་མཐའ་རུ་སྨྱོ།ཁྱེད་ཀྱིས་གསན་རོགས་གནང་དང་།བུ་ངའི་སྐོར་གྱི་ཡོད་ཚད།ཁྱེད་དང་མཉམ་དུ་དགའ།བུ་ང་ཁྱེད་དང་མཉམ་དུ་སྐྱོ།ཁྱེད་ཀྱིས་གསན་རོགས་གནང་དང་།བུ་ངའི་སྐོར་གྱི་ཡོད་ཚད།ཁྱེད་དང་མཉམ་དུ་བཞད།བུ་ང་ཁྱེད་དང་མཉམ་དུ་ཟད།ཁྱེད་དང་མཉམ་དུ་བཞད།བུ་ང་ཁྱེད་དང་མཉམ་དུ་ཟད།