作曲 : 瓜尔阿索作词 : 瓜尔阿索༼མེ་ཏོག་མཚོ་མོ༽ ཚིག མགར་ཨ་བསོད། དབྱངས། མགར་ཨ་བསོད། གཞས་པ། ཚེ་གསུམ་སྒྲོལ་མ། མགར་ཨ་བསོད། རོལ་མོ། མགར་ཨ་བསོད། ཁ་བའི་བུ་མོ་མེ་ཏོག་་་མེ་ཏོག་མིག་ལ་ལྷུང་།མེ་ཏོག་མཚོ་མོར་ལས་འཕྲོ་ལྷག་ནས་ཡོད།། རི་དང་གྲོང་ནས་གཞས་བཏང་་་འབྲི་ལ་མེ་ཏོག་བྲིསསྣང་བའི་ཁྲོད་ནས་བུ་མོར་གསང་གཏམ་བཤད།མདང་ནུབ་ཁྱེད་རང་སྔར་བཞིན་ང་ཡི་མིག་འདུན་དུ། སབ་སིབ་རྨི་ལམ་སེང་ཡོལ་བཀབ་འདྲ་ཡང་། །ལན་ཅིག་བཞད་པའི་གདོང་ནི་ཡོལ་ཀྱིས་མ་སྒྲིབ་བཞིན། །སེམས་ཀྱི་འོད་ཀྱིས་གསལ་བ་ཡིན་པར་སེམས། །བརྩེ་བའི་ལག་པས་མཁའ་ལ་རི་མོ་བྲིས། །རི་མོའི་སྣང་བརྙན་དབྱངས་ལ་སྦྱར་ནས་བླངས།།དབྱངས་ཀྱི་འགྱུར་བར་དུང་བའི་མདངས་ཤིག་ཐོན།།མ་བཤད་མ་བཤད་གླུ་ཡིས་མཚོན་པར་བྱེད།།